Tuesday 23 December 2014

ཨ་འགྲིག་ཆ་འགྲིག

ཨ་འགྲིག་ཆ་འགྲིག (གཞས་ཚིག)

ཉི་ཟླ་ཨ་འགྲིག་ཆ་འགྲིག།།
སྐར་ཆེན་སྐར་ཆུང་ཡང་འགྲིག།།
དགུང་ལ་འགྲིག་རྒྱུ་བྱུང་ན།།
དྲོ་འཇམ་འོད་སྣང་སེར་པོ།།
གླིང་བཞིའི་རྒྱན་དུ་ཤར་ཆོག།།

ཕ་མ་ཨ་འགྲིག་ཆ་འགྲིག།།
བུ་ཆུང་བུ་མོ་ཡང་འགྲིག།།
ཁྱིམ་ལ་འགྲིག་རྒྱུ་བྱུང་ན།།
ལྷན་འཛོམས་དུས་ཀྱི་དགའ་སྟོན།།
ཡང་ནས་ཡང་དུ་རོལ་ཆོག།།


མེ་ཏོག་ཨ་འགྲིག་ཆ་འགྲིག།།
ཕྱེ་ལེབ་སྦྲང་མ་ཡང་འགྲིག།།
སྤང་ལ་འགྲིག་རྒྱུ་བྱུང་ན།།
བསུང་ངད་དྲི་ཞིམ་འཁྱེར་ནས།
རི་ཀླུང་རྒྱན་དུ་འཕུར་ཆོག།།

ཕོ་མོ་ཨ་འགྲིག་ཆ་འགྲིག།།
ཁ་ཡ་ན་ཟླ་ཡང་འགྲིག།།
སྡེ་ནས་འགྲིག་རྒྱུ་བྱུང་ན།།
མཛའ་མཐུན་ལག་རྡང་སྦྲེལ་ནས།
རང་ཡུལ་ཕྱོགས་ལ་ལོག་ཆོག།།

བརྩེ་སེམས་ཨ་འགྲིག་ཆ་འགྲིག།།
དུང་ཞེན་ཕྱི་ཐག་ཡང་འགྲིག།།
འུ་གཉིས་བར་ལ་འགྲིག་ན།།
འགྱུར་མེད་སེམས་ཀྱི་དམ་བཅའ།།
གཅེས་པའི་སྲོག་ལ་བཅོལ་ཆོག།།

No comments:

Post a Comment